无标题文档
旧版入口 新闻热线:0976-8825044 投稿邮箱:ysxww@qh.gov.cn 玉树微博 设为首页 | 加入收藏 | 联系我们
 
无标题文档
现在的位置: 金沙网站_澳门金沙网站_澳门金沙网址-厦门广告通知公告 澳门金沙网站 | 治多县 | 称多县 | 杂多县 | 囊谦县 | 曲麻莱县
关于依法严厉打击各类涉疫违法犯罪行为的通告
来源: 玉树新闻网
发布时间: 2020-02-08 11:45:39
编辑: 玉宣

  玉树藏族自治州中级人民法院

  玉树藏族自治州人民检察院

  玉树藏族自治州公安局

  玉树藏族自治州司法局

  玉树藏族自治州卫生健康委员会

  玉树藏族自治州市场监督管理局

   关于依法严厉打击各类涉疫违法犯罪行为的通告

  为全力做好我州新型冠状病毒感染的肺炎疫情防控工作,依法严厉打击隐瞒、谎报新型冠状病毒疫情等违法犯罪行为,保障人民群众生命安全和身体健康,维护全州社会稳定。根据《中华人民共和国刑法》《中华人民共和国治安管理处罚法》《中华人民共和国传染病防治法》《突发公共卫生事件应急条例》《价格法》等法律法规,现就有关事项通告如下:

  一、对故意隐瞒、谎报行程和活动轨迹及接触对象,或者未按照防控要求接受检测、检疫、隔离观察、隔离治疗等措施,仍进入公共场所或隐瞒情况与他人密切接触,造成疫情传播等严重后果的,将根据《刑法》第一百一十四条、第一百一十五条规定,以危险方法危害公共安全罪或过失以危险方法危害公共安全罪定罪处罚。

  二、已经确诊感染或疑似感染新型冠状病毒的人员,应当无条件执行卫生防疫机构依照《传染病防治法》提出的预防、控制措施,配合隔离治疗,对逃避或拒绝配合导致疫情传播或有传播严重危险的,根据《刑法》第三百三十条规定,以妨害传染病防治罪定罪处罚。

  三、明知是疫情重点地区来玉经商、返乡人员及其密切接触感染者,或者明知密切接触过的人员已被确诊为新型冠状病毒肺炎患者或已被列为疑似患者,仍帮助其逃避检测、检疫、强制隔离或者治疗,造成疫情传播等严重后果的,依照有关法律规定,依法追究其法律责任。

  四、以暴力或威胁方法阻碍疫情防控工作人员依法履行防疫检疫、强制隔离、隔离治疗、车辆和人员核查、体温测量、交通管制等防控措施的,依照《刑法》第二百七十七条规定,以妨害公务罪定罪处罚。

  五、在预防、控制突发传染病疫情等灾害期间,假借捐款或者销售用于预防、控制突发传染病疫情等灾害用品的名义,诈骗公私财物的,依照《刑法》有关诈骗罪的规定定罪,依法从重处罚。

  六、在突发传染病疫情防控期间哄抬物价、牟取暴利以及制售假劣药品、医疗器械、医用卫生材料和非法收购、运输、出售珍贵濒危野生动物等严重扰乱市场经济秩序的;生产、经营销售病死、毒死或死因不明、来源不明的禽、畜、兽、水产动物肉类及其制品;未按规定进行检疫或上市销售检疫不合格的肉类的违法行为的依照《刑法》第二百二十五条、第一百四十五条规定,以非法经营罪及生产销售不符合标准的医用器材定罪,依法从重处罚。

  七、利用互联网、微信群、微博、QQ群、短信群等平台散布、传播谣言,谎报疫情、警情,故意扰乱公共秩序的,根据《治安管理处罚法》第二十五条予以处罚。编造与传染病疫情有关的恐怖信息,或者明知是编造的此类恐怖信息而故意传播,严重扰乱社会秩序情节严重的,依照《刑法》第二百九十一条规定,以编造、故意传播虚假恐怖信息罪定罪处罚。

  八、强拿硬要或者任意损毁、占用公私财物情节严重,或者在公共场所起哄闹事,造成公共场所秩序严重混乱的,将依据相关法律法规,从严处罚。

  对危害疫情防控工作的各类违法犯罪行为,请广大群众及时拨打110举报,对包庇窝藏违法犯罪嫌疑人、打击报复举报人,或恶意举报、诬告陷害他人的行为,司法机关将依法追究相关当事人的法律责任。凡举报有功者,视情给予500元—5万元的奖励。

  特此通告!

  玉树州中级人民法院

  玉树州人民检察院

  玉树州公安局

  玉树州司法局

  玉树州卫生健康委员会

  玉树州市场监督管理局

  2020年2月7日

  ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།

  ཡུས་ཧྲུའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

  ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུའུ།

  ཡུས་ཧྲུའུ་ཁུལ་ཁྲིམས་འཛིན་ཅུའུ།

  ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།

  ཡུས་ཧྲུའུ་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ནས་

  རིམས་ནད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་

  སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།

  རང་ཁུལ་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་གསར་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཏོག་དབྱིབས་ནད་དུག་གི་རིམས་ནད་གནས་ཚུལ་གསར་པ་སྦས་གསང་དང་རྫུན་ཞུ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་ཆེད།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས༽་དང ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས༽་དང་།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས༽ ༼ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག༽ ༼རིན་གོང་བཅའ་ཁྲིམས༽ལ་སོགས་པའི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བྱས་པ་གཤམ་གསལ།གཅིག འགྲོ་རྗེས་བསྡད་ཤུལ་དང་འབྲེལ་གཏུག་བྱ་ཡུལ་སོགས་རྐང་བཙུགས་ནས་སྦ་གསང་དང་རྫུན་ཞུ་བྱས་པའམ་ཡང་ན་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་ཞིབ་བཤེར་ཚད་ལེན་དང་ནད་ཡམས་བརྟག་དཔྱད། ལོགས་བཀར་ལྟ་ཞིབ།ལོགས་བཀར་སྨན་བཅོས་སོགས་ཀྱི་བྱ་ཐབས་དང་ལེན་མ་བྱས་པར་སྔར་བཞིན་སྤྱི་པའི་འདུ་ཚོགས་སུ་ཞུགས་པའམ་ཡང་ན་གནས་ཚུལ་སྦས་གསང་བྱས་ནས་མི་གཞན་དང་འབྲེལ་བ་དམ་ཟབ་བྱས་ཏེ་རིམས་ནད་མཆེད་པ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ༼ཉེས་ཁྲིམས༽་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལྟར། ཉེན་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་སམ་ཡང་ན་ལས་འཛོལ་གྱིས་ཉེན་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་ལྟར་གཏན་འཁེལ་བྱས་ཏེ་ཉེས་ཆད་གཅོད་རྒྱུ་ཡིན།གཉིས། ནད་རྟགས་གཏན་འཁེལ་བྱས་ཟིན་པའམ་ཡང་ན་ནད་དུག་གསར་ཅན་འགོས་པའི་དོགས་ཡོད་མི་སྣས་ཆ་རྐྱེན་གང་ཡང་མེད་པར་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་༼འགོས་ནད་འགོག་བཅོས་བཅའ་ཁྲིམས༽་ནང་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དང་ལོགས་བཀར་སྨན་བཅོས་ལ་གཞོགས་འདེགས་བྱེད་དགོས་པ་དང་། གཡོལ་ཐབས་བྱེད་པའམ་ཡང་ན་གཞོགས་འདེགས་དང་ལེན་མ་བྱས་པའི་རྐྱེན་གྱིས་རིམས་ནད་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ༼ཉེས་ཁྲིམས༽་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུའི་གཏན་འབེབས་གཞིར་བཟུང་སྟེ་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་ཐོག་ནས་བྱས་ཉེས་གཏན་འཁེལ་གྱིས་ཆད་པ་གཅོད་དགོས།གསུམ། རིམས་ནད་ཀྱི་གཙོ་གནད་ས་ཁུལ་ཡིན་པ་ཤེས་བཞིན་དུ་ཡུས་ཧྲུའུ་ལ་ཚོང་གཉེར་མཁན་དང་ཕ་ཡུལ་དུ་ལོག་མཁན། དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནད་པ། ཡང་ན་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་དེ་ཏོག་དབྱིབས་གློ་ཚད་རིམས་ནད་ཕོག་པའི་ནད་པ་གསར་པར་ངོས་འཛིན་གཏན་འཁེལ་བྱས་པའམ་དོགས་ཡོད་ནད་པ་ཡིན་པ་ཤེས་བཞིན་དུ་སྔར་བཞིན་ཞིབ་དཔྱད་ཚད་ལེན་དང་ནད་ཡམས་བརྟག་དཔྱད་བྱེད་པ། བཙན་ཤེད་ཀྱིས་ལོགས་སུ་བཀར་པའམ་ཡང་ན་སྨན་བཅོས་བྱེད་པ་བཅས་ལས་གཡོལ་བར་རོགས་རམ་བྱས་ནས་རིམས་ནད་མཆེད་པ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་ཐོན་ཚེ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་གཏོང་དགོས།བཞི། དྲག་ཤུགས་སམ་འཇིགས་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མི་སྣས་ཁྲིམས་ལྟར་རིམས་ནད་སྔོན་འགོག་དང་ནད་ཡམས་བརྟག་ཞིབ། བཙན་ཤེད་ཀྱིས་ལོགས་སུ་བཀར་བ། ལོགས་བཀར་སྨན་བཅོས། རླངས་འཁོར་དང་མི་སྣར་ཞིབ་བཤེར། ལུས་དྲོད་ཚད་འཇལ། འགྲིམ་འགྲུལ་དོ་དམ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཀག་འགོག་བྱས་རིགས་ལ་༼ཉེས་ཁྲིམས༽་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་གཞིར་བཟུང་སྟེ་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་ཐོག་ནས་བྱས་ཉེས་གཏན་འཁེལ་གྱིས་ཆད་པ་གཅོད་རྒྱུ ་ཡིན།ལྔ། ཐོལ་བྱུང་འགོས་ནད་དང་རིམས་ནད་སོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་རིང་དུ་ཞལ་འདེབས་བརྒྱབ་པའམ་ཡང་ན་ཐོལ་བྱུང་འགོས་ནད་དང་རིམས་ནད་སོགས་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མཁོ་ཆས་ཕྱིར་ཚོང་བྱེད་པའི་མིང་ཐོག་ནས་གཞུང་སྒེར་གྱི་རྒྱུ་ནོར་ཁ་བསླུས་བརྒྱབ་རིགས་ལ་ ༼ཉེས་ཁྲིམས༽་ཀྱི་འབྲེལ་ཡོད་ཁ་བསླུས་བརྒྱབ་པའི་ཉེས་གསོག་གི་གཏན་འབེབས་གཞིར་བཟུང་སྟེ་ ཉེས་པ་གཏན་འཁེལ་བྱས་ནས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ ་ཡིན།དྲུག ཐོལ་བྱུང ་འགོས་ནད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུ་རིན་གོང་ཧམ་སྤར་དང་ཁེ་བཟང ་ཧམ་བཟའ། དེ་བཞིན་སྨན་རྫས་དང་སྨན་བཅོས་ཡོ་བྱད། སྨན་བཅོས་ལ་མཁོ་བའི་འཕྲོད་བསྟེན་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་འཚོང་བྱེད་པ་དང་། རྩ་ཆེ་ཞིང ་ངངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རིགས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་སོགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་རིགས་དང་གཅིག ནད་ཕོག་ནས་ཤི་བ་དང་དུག་ཕོག་ནས་ཤི་བའམ་ཡང་ན་ཤི་རྐྱེན་གསལ་པོ་མེད་པ་དང་ཡོང་ཁུངས་གསལ་པོ་མེད་པའི་བྱ་རིགས་དང་། ཕྱུགས་རིགས། གཅན་གཟན། ཆུ་ཐོན་སྲོག་ཆགས་བཅས་ཀྱི་ཤ་རིགས་དང་དེ་དག་གི་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་བྱེད་པ་དང་གཉིས།གཏན་འབེབས་ལྟར་ནད་ཡམས་བརྟག་ཞིབ་མ་བྱས་པའམ་ཡང་ན་ཁྲོམ་རར་བཏོན་ཏེ་ནད་ཡམས་བརྟག་ཞིབ་ཀྱི་ཚད་མི་ལོན་པའི་ཤ་རིགས་ཕྱིར་ཚོང་གི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་༼ཉེས་ཁྲིམས༽་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་པ་དང་བརྒྱ་དང་ཞེ་ལྔ་པའི་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་ཉེས་པ་དང་དེ་བཞིན་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ཐོག་ནས་ཉེས་པ་གཏན་འཁེལ་བྱས་ཏེ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས།བདུན། དྲ་སྦྲེལ་དང་སྐད་འཕྲིན་ཚོགས་པ། པོད་འཕྲིན། QQཚོགས་པ།འཕྲིན་ཐུང་ཚོགས་པ་སོགས་འཕྲིན་སྟེགས་གོ་སྤྱད་དེ་དཀྲོག་གཏམ་སྤེལ་བ་དང་བརྒྱུད་བསྒྲགས་བྱེད་པ། རིམས་ནད་དང་ཉེན་རྟོག་པའི་གནས་ཚུལ་རྫུན་ཞུ་བྱེད་པ།སྤྱི་པའི་སྒྲིག་ལམ་རྐང་བཙུགས་ནས་དཀྲུག་རིགས་ལ་༼བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས༽་ཀྱི་དོན་ཚན་ཉེར་ལྔ་པ་གཞིར་བཟུང་སྟེ་ ཆད་པ་གཅོད་རྒྱུ ་དང་།རིམས་ནད་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་ཆ་འཕྲིན་རྫུན་བཟོ་བྱས་པའམ་ཡང་ན་འཇིགས་སྐུལ་ཆ་འཕྲིན་དེ་རིགས་བཟོས་པ་ཡིན་པ་ཤེས་བཞིན་དུ་རྐང་བཙུགས་ནས་ཁྱབ་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གནས་ཚུལ་ཚབས་ཆེ་རིགས་ལ་༼ཉེས་ཁྲིམས་༽ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་གཏན་འབེབས་ལྟར་འཇིགས་སྐུལ་ཆ་འཕྲིན་རྫུན་མ་རྫུན་བཟོ་དང་རྐང་བཙུགས་ནས་ཁྱབ་སྤེལ་བྱས་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ ་ཡིན།བརྒྱད། གཞུང་སྒེར་གྱི་རྒྱུ་ནོར་བཙན་ལེན་བྱས་པའམ་གང་བྱུང་དུ་གཏོར་བརླག་གཏོང་བ་དང་བཟུང་སྤྱོད་བྱས་པའི་གནས་ཚུལ་ཚབས་ཆེ་བ། ཡང་ན་མི་མང་འདུ་འཛོམས་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་ཆ་བསླངས་ཏེ་མི་མང་འདུ་འཛོམས་བྱ་ཡུལ་གྱི་སྒྲིག་ལམ་ཟང་ཟིང་ཆེན་པོ་བཟོས་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ ཆད་པ་ནན་པོ་གཅོད་རྒྱུ ་ཡིན།རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དུས་ཐོག་ཏུ་110ཐེར་འདོན་གོང་ཞུའི་ཁ་པར་བརྒྱབ་ནས། ཁྲིམས་འགལ་ཉེས་གསོག་དོགས་ཅན་འགེབས་སྲུང་བྱེད་མཁན་དང་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་པའམ་ཡང་ན་མི་གཞན་ལ་རྐང་བཙུགས་ནས་ཐེར་འདོན་དང་སྙོན་འཛུགས་ཞུ་གཏུག མ་ཉེས་ཁག་གཡོགས་བྱེད་པའི་བྱ་སྤྱོད་རིགས་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་དོ་བདག་གི་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་གཏོང་རྒྱུ་ཡིན། ཐེར་འདོན་གྱི་བྱས་རྗེས་ཡོད་མཁན་ཞིག་ཡིན་ཕྱིན་གནས་ཚུལ་ལ་གཞིགས་ནས་སྒོར་500ནས་སྒོར་ཁྲི་5བར་གྱི་བྱ་དགའ་སྤྲོད་ རྒྱུ་ཡིན།ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན།

  ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།

  ཡུས་ཧྲུའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

  ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུའུ།

  ཡུས་ཧྲུའུ་ཁུལ་ཁྲིམས་འཛིན་ཅུའུ།

  ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།

  ཡུས་ཧྲུའུ་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ནས།

  2020ལོའི་ཟླ་2ཚེས་7ཉིན།

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
 
?槆c
  友情链接
玉树州政府网  玉树党建网  青海新闻网  青海省政府网  青海羚网  中国藏族网通  中国西藏网  藏人文化网  新华网青海频道
 
主办:中共玉树州委宣传部 技术支持:青海新闻网
  违法和不良信息举报电话:0976-8818752